ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་སློབ་གྲྭ་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་སློབ་མ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་གྱི་སློབ་གྲྭ་ཞིག་ལ་ཉིན་དེར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་སློབ་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར། 

ཅཱ་ཙི་ནེ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ནོའུ་ལི་ཡིས་བསྟན་དོན། འཇབ་རྒོལ་ཐེབས་པའི་སློབ་གྲྭ་དེ་ཞིང་ཆེན་དེའི་ཨན་ཏཱ་ཨར་ས་ཁུལ་དུ་གནས་པ་དང་སྐབས་ཐོག་དེར་སློབ་གྲྭར་སློབ་ཁྲིད་བྱེད་བཞིན་ཡོད་ཟེར། 

འཇབ་རྒོལ་དོན་རྐྱེན་བྱུང་སྐབས། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་དང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་དྲག་པོ་བྱེད་བཞིན་ཡོད། ས་དེའི་སྡེ་དམངས་ཀྱིས་བཤད་རྒྱུར། མིག་སྔར་ཕྱོགས་སུས་མེ་སྒྱོགས་གཏོང་འཕེན་བྱས་ཏེ་སློབ་གྲྭར་ཕོག་པ་གསལ་བོར་མི་ཤེས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པས་ཟླ་སྔོན་མར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་བསྡོམས་པས་ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མ་སྟོང་གསུམ་དང་བརྒྱད་བརྒྱ་བཞི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་སྟོང་བདུན་དང་བརྒྱར་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།