ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོ་ནི་སྔར་བཞིན་འཇར་མན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་འབྱུང་གཞི་ཡིན་ཞེས་བརྗོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་གྲགས་ཅན་ཇུས་འདོན་ཚོགས་པ་དབྱི་ཧྥུ་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཁེ་ལའེ་མོན་སི·ཧྥེ་སི་ཐེས་ཉིན་ཤས་གོང་ཀྲུང་གོས་སྔར་བཞིན་འཇར་མན་གྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་གོ་སྐབས་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།

ཧྥེ་སི་ཐེས་འཇར་མན་གྱི《ཚོང་འཕྲིན》གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེས་འཇར་མན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་སྔར་ལས་མང་བ་མཁོ་འདོན་བྱ་རྒྱུ་དེ་ཉེན་ཁ་ཞིག་མིན་ཞེས་བརྗོད། ཁོང་གིས་འཇར་མན་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བས་འཕེལ་རྒྱས་ཀྱི་བྱ་ཐབས་མི་འདྲ་བ་སྤྱོད་དགོས། “བཟོ་ལས་ཐོན་སྐྱེད་ཐད་འཇར་མན་འདི་ཉིད་ལག་རྩལ་མདུན་གྲལ་དུ་གནས་པའི་དར་རྒྱས་ཆེ་བའི་བཟོ་ལས་རྒྱལ་ཁབ་ཅིག་ཡིན་པ་དང་ཀྲུང་གོས་སྔར་བཞིན་རྗེས་སུ་སྙེགས་བཞིན་ཡོད”ཅེས་བརྗོད།

ཧྥེ་སི་ཐེས་འཇར་མན་གྱིས་རིག་པ་དྭངས་གསལ་གྱི་སྒོ་ནས་རང་ངོས་ཀྱི་ཁེ་ཕན་དཔྱོད་ཤེས་ཀྱི་སྒོ་ནས་དོན་གཉེར་བྱེད་དགོས། ཀྲུང་གོའི་ཁྲོམ་ར་སྔར་བས་སྒོ་མོ་དབྱེ་བ་དང་དུས་མཚུངས་འཇར་མན་གྱི་ཁྲོམ་རས་ཕྱི་རྒྱལ་གྱི་མ་འཇོག་མཁན་ལ་སྒོ་མ་བརྒྱབ་ཚེ་གཞི་ནས་འཇར་མན་གྱི་ཁེ་ཕན་དང་འཚམ་ཐུབ་པའི་ངོས་འཛིན་བྱས་པ་རེད།
འཇར་མན་གྱི་དཔལ་འབྱོར་དང་ནུས་རྒྱུ་པུས་ཉེ་དུས《རྒྱལ་ཁབ་ཀྱི་བཟོ་ལས་འཐབ་ཇུས2030》དངོས་སུ་ཡོངས་བསྒྲགས་བྱས་པ་དང་དེའི་དམིགས་ཡུལ་ནི་བཟོ་ལས་ཀྱི་ཁྱབ་ཁོངས་གཙོ་བོར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྒྱབ་སྐྱོར་བྱས་ཏེ་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་གོང་མཐོར་བཏང་ནས་ཡོ་རོབ་དང་ཐ་ན་འཛམ་གླིང་ཧྲིལ་པོར་ཡོད་པའི་འཇར་མན་བཟོ་ལས་ཀྱི་འགྲན་རྩོད་ནུས་པ་འགན་ལེན་བྱ་རྒྱུ་དེ་རེད། དེར་བརྟེན་ཧྥེ་སི་ཐེས་སྲིད་གཞུང་གིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཀུང་སི་ཆེ་གྲས་འགའ་ཞིག་གི་འཆར་གཞིར་རྒྱབ་སྐྱོར་བྱས་ཚེ་ཁེ་ལས་ལ“ལྡོག་ཕྱོགས་ཀྱི་ནུས་པ”ཐོན་སྲིད་པའི་སེམས་ཁྲལ་ཡོད་ལུགས་བརྗོད་པ་རེད།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།