ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་ཙུང་ལི་གཞོན་པ་ཞིག་དང་ཞིང་ལས་པུའུ་ཀྲང་གི་ལས་འགན་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་ཉེར་བདུན་ཉིན་བཀའ་རྒྱ་བཀོད་དེ། ཞིང་ལས་གནད་དོན་གྱི་འགན་ཁུར་བའི་ཙུང་ལི་གཞོན་པ་ལུའུ་སི་དང་། ཞིང་ལས་དང་ཟས་རིགས་པུའུ་ཡི་པུའུ་ཀྲང་ཀྲ་ཡཱ་ཚི་གཉིས་ཀྱི་ལས་འགན་བླངས། 

ཨུ་རུ་སི་དཀར་པོའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་དཀར་པོའི་ཤར་ཕྱོགས་ཀྱི་མའོ་ཅི་ལའོ་ཧྥུའུ་ཀྲིག་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏའོ་མཱ་ནེ་ཧྥུའུ་སི་ཅིའི་ལས་འགན་ཀྱང་ཉིན་དེར་བླངས་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ལུའུ་ཁཱ་ཧྲིན་ཁི་ཡིས་ཉེ་སྔོན་མའོ་ཅི་ལའོ་ཧྥུའུ་ཀྲིག་ཏུ་རྟོག་ཞིབ་བྱེད་སྐབས། ཀྲིག་དེའི་རྗེས་ལུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ཁྱད་པར་དུ་ཞིང་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་མི་དགའ་བའི་ཚུལ་བསྟན་ཏེ། འབྲེལ་ཡོད་འགན་ཁུར་མི་སྣའི་ལས་འགན་ལེན་རྒྱུའི་རེ་བ་བཏོན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།