ཀྲུང་གོ་བོད་ཀྱི་དྲ་བ།

དབྱེ་ཏའེ་ཞེས་པའི་དྲག་རླུང་ལས་མི་བདུན་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་རོགས་སྐྱོར་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་སིང་པུས་ཁིའི་དཔོན་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཚ་ཁུལ་གྱི་དབྱེ་ཏའེ་ཞེས་པའི་དྲག་རླུང་ལས་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་དག་ཏུ་མི་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཉིན་དེའི་བར་དབྱེ་ཏའེ་ཞེས་པའི་དྲག་རླུང་ལས་མའོ་སིང་པུས་ཁི་དང་ཙེམ་པབ་ཝེ། མཱ་ལེ་ཝེ་བཅས་སུ་མི་བདུན་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ཁང་སོགས་ལས་ཁུངས་མང་བོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མའོ་སིང་པུས་ཁིའི་རོགས་སྐྱོར་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་མགྲིན་ཚབ་པ་ཝེ་ཨར་ཧུའུ་སེ་ཨར་གྱིས་བཤད་རྒྱུར། མའོ་སིང་པུས་ཁིའི་ཆུ་ལོག་གི་གནོད་འཚེའི་དོགས་ཟོན་རིམ་པ་གསུམ་ཡིན་པ་དང་། ཡེ་མིན་དང་སི་རི་ཡཱ། སུའུ་ཏན་ལྷོ་མ་བཅས་ཀྱི་དོགས་ཟོན་རྣམ་པ་དང་གཅིག་འདྲ་ཡིན་ཟེར། 

ཝེ་ཨར་ཧུའུ་སེ་ཨར་གྱིས་བཤད་རྒྱུར། མའོ་སིང་པུས་ཁིའི་དོགས་ཟོན་རྣམ་པ་ཁྱབ་སྒྲོག་བྱས་ན་གཞི་རྒྱ་ཆེ་བའི་རོགས་སྐྱོར་བྱ་འགུལ་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱེ་ཏའེ་ཞེས་པའི་དྲག་རླུང་གི་གཏོར་བརླག་ཤུགས་ཚད་རྟོགས་ཐུབ། ད་ལྟ་ང་ཚོ་འགུལ་སྐྱོད་སྤེལ་བའི་གནད་འགག་གི་སྐབས་སུ་གནས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།