ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙེ་ལན་སྲིད་གཞུང་གིས་འཇིགས་སྐུལ་འཇབ་རྒོལ་ཐེབས་མཁན་གྱི་ཆེད་དུ་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

    སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེའུ་ཙེ་ལན་གྱི་ཙུང་ལི་ཨ་ཏི་ཨིན་གྱིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ནེའུ་ཙེ་ལན་གྱིས་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཁི་ལའེ་སི་ཐི་ཆེ་ཆི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་གནོད་ཐེབས་མཁན་གྱི་ཆེད་དུ་རྒྱལ་ཁབ་ཀྱི་རྗེས་དྲན་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཕྱི་རྒྱལ་གྱི་ཆབ་སྲིད་མགོ་ཁྲིད་པ་དང་དབྱིན་ཇིའི་རྒྱལ་རྒྱུད་ཀྱི་ཁོངས་མི། དེ་མིན་མུའུ་སི་ལིན་སྡོད་ཁུལ་གྱི་མགོ་ཁྲིད་པ་སོགས་བྱ་འགུལ་ལ་ཞུགས་རྒྱུ་རེད་ཟེར། 

ཨ་ཏི་ཨིན་གྱིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། རྗེས་དྲན་བྱ་འགུལ་དེས་ནེའུ་ཙེ་ལན་གྱི་མི་དང་འཛམ་གླིང་གི་ས་ཁུལ་སོ་སོའི་མི་རྣམས་ལ་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མཉམ་དུ་གནོད་ཐེབས་མཁན་ལ་རྗེས་དྲན་བྱེད་པའི་གོ་སྐབས་ཤིག་འདོན་སྤྲོད་བྱེད་སྲིད་པ་དང་། རྗེས་དྲན་བྱ་འགུལ་དེས་ནེའུ་ཙེ་ལན་གྱི་མི་ལ་སྙིང་རྗེ་དང་བཟོད་སྒོམ་ལྡན་པ་དང་། ང་ཚོས་རིན་ཐང་ལྟ་ཚུལ་དེ་དག་ལ་སྲུང་སྐྱོབ་བྱེད་ངེས་ཡིན་པ་ཡང་བསྐྱར་གསལ་བོར་བསྟན་ཡོད་ཟེར། 

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཁི་ལེ་སི་ཐི་ཆེ་ཆི་གྲོང་ཁྱེར་གྱི་དབྱི་སི་ལན་ཆོས་ཁང་གཉིས་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་བྱུང་སྟེ། མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུར་རྨས་ཕོག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།