ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་ཚེས་བཅུ་དྲུག་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་། ཁ་ལོ་བྱེད་ཐབས་བྲལ་བའི་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་གྱི་ལྟེ་གནས་གྲོང་ཁྱེར་སི་ལེ་ནཱ་ཅཱ་གྲོང་ཁྱེར་ལྷོ་ངོས་ཀྱི་སྤྱི་ལེ་བརྒྱ་དང་དོན་བདུན་མཚམས་ཀྱི་རི་ཁུལ་དུ་བྱུང་། རྐྱེན་ལམ་དུ་ཤོར་བའི་མི་བཅུ་གཅིག་གི་གྲས་སུ་བྱིས་པ་ལྔ་ཡོད་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་མགོ་བརྩམས་ཡོད་ཟེར། 

རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། ཐེག་ཚད་ལས་བརྒལ་བ་དང་རླངས་འཁོར་ལ་ཞིག་གསོ་མ་བྱས་པ། ལམ་མི་བདེ་བ་སོགས་ནི་དོན་རྐྱེན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།