ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དམ་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་ང་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་ནང་ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་པཱ་ཏི་ཅི་སི་ཞིང་ཆེན་གྱི་པཱ་ལཱ་མུའུ་ཨར་ཅཱ་པུའུ་ས་ཁུལ་དུ་དྲག་ཆས་ཉེས་ཅན་ང་གཅིག་བསད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་ནས་བཟུང་། བར་སྣང་འཇབ་རྒོལ་དང་མེ་སྒྱོགས་ལ་བརྟེན་ནས་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་བཏང་བ་དང་། ད་ལྟའི་བར་དྲག་ཆས་ཉེས་ཅན་ང་གཅིག་བསད་པར་མ་ཟད། མི་མང་བོར་རྨས་ཕོག་ཡོད་ཟེར། 

ཐཱ་ལེ་པན་གྱིས་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། 

གཞན་ཡང་ཨ་ཧྥུའུ་ཧན་གྱི་ཕཱ་ཅེ་ཝ་ཁི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་པཱ་ལཱ་མུའུ་ཨར་ཅཱ་པུའུ་ས་ཁུལ་དུ་བདེ་འཇགས་ཞིབ་བཤེར་ས་ཚིགས་ཉི་ཤུ་ལྷག་བཙན་བཟུང་བྱས་ཡོད་ཟེར། 

པཱ་ཏི་ཅི་སི་ཞིང་ཆེན་མངའ་ཁོངས་སུ་གཞུང་ལམ་མང་བོ་ཕཱ་ཁི་སི་ཐན་བྱང་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་དུ་སྦྲེལ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དག་ཞིང་ཆེན་དེར་ཡོང་ནས་འཇབ་རྒོལ་དོན་རྐྱེན་མང་དུ་བཟོ་བཞིན་ཡོད།


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།