ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དང་ཨ་མེ་རི་ཁའི་བར་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་གསུམ་ཉིན་བསྟན་དོན། ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྤེལ་བའི་ཐཱ་ལེ་པན་དང་ཨ་མེ་རི་ཁའི་སྐོར་ཐེངས་གསར་བའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་མེད་པ་དང་། གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། མུའུ་ཅཱ་ཞེ་ཏི་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། གནད་དོན་གལ་ཆེན་ལ་འབྲེལ་བ་ཡོད་པས་གྲོས་མོལ་དེ་སེམས་ཆུང་རྣམ་ཆུང་ངང་སྤེལ་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཕྱི་རྒྱལ་གྱི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་བེད་སྤྱད་དེ་རྒྱལ་ཁབ་གཞན་པར་གནོད་མི་སྐྱེལ་བ་སོགས་གནད་དོན་ལ་བྱེ་བྲག་ཏུ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

མུའུ་ཅཱ་ཞེ་ཏི་ཡིས་བསྟན་དོན། གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། མིག་སྔར་ཕྱོགས་གཉིས་བར་གྲོས་མཐུན་འཆར་ཟིན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་མེད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་དེ་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་ནས་བཟུང་ཏའོ་ཧཱ་ནས་སྤེལ་མགོ་བརྩམས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།