ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཐུར་ཁེ་ཡིས་དབྱེ་ཏི་ལེ་པུའུ་དམག་དོན་མ་ཡིན་པའི་ས་ཁུལ་གྱི་གྲོས་མཐུན་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་གྱི་འབྱུང་རྩ་དེ་སི་རི་ཡཱའི་མངའ་ཁོངས་སུ་གནས་པས། ངེས་པར་དུ་ཕན་ནུས་ལྡན་པའི་སྒོ་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཐུར་ཁེ་ཡིས་དབྱེ་ཏི་ལེ་པུའུ་དམག་དོན་མ་ཡིན་པའི་ས་ཁུལ་གྱི་གྲོས་མཐུན་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་སྤྱི་སྒྲོ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། འཇིགས་སྐུལ་ཉེས་ཅན་གྱི་འབྱུང་རྩ་སི་རི་ཡཱའི་མངའ་ཁོངས་སུ་གནས་པ་དང་། དེའི་ཤུགས་རྐྱེན་གཙོ་བོ་ཐེབས་ས་ནི་དབྱེ་ཏི་ལེ་པུའུ་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་ཡིན། ཧྲ་མུའུ་བཅིངས་འགྲོལ་རྩ་འཛུགས་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་མིག་སྔར་ས་ཁུལ་དེ་བཙན་བཟུང་བྱས་ཡོད་ལ། མི་སེར་དཀྱུས་མ་དང་ཨུ་རུ་སིའི་དམག་དཔུང་། སི་རི་ཡཱའི་དམག་དཔུང་བཅས་ལ་དམིགས་པའི་དཀྲུག་འཕེན་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། དམག་དོན་མ་ཡིན་པའི་ས་ཁུལ་འཛུགས་པ་དང་ས་ཁུལ་དེ་ནས་དྲག་ཆས་ཉེས་ཅན་ཚང་མ་ཕྱིར་འཐེན་བྱེད་པའི་ཡིག་ཆའི་ནང་དོན་དེ་དངོས་འབེབ་གང་ལེགས་བྱས་མེད་ཟེར། 

ཁོས་བཤད་རྒྱུར། གནས་ཚུལ་དེ་འདྲའི་འོག ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་ངེས་པར་དུ་ཕན་ནུས་ལྡན་པའི་སྒོ་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས་པར་འདོད། མིག་སྔའི་ལས་འགན་གཙོ་བོ་ནི་ཐུར་ཁེའི་བར་བཀོད་པའི་དབྱེ་ཏི་ལེ་པུའུ་དམག་དོན་མ་ཡིན་པའི་ས་ཁུལ་གྱི་གྲོས་མཐུན་གཞིར་བཟུང་ནས་འཇིགས་སྐུལ་ཉེས་ཅན་གྱི་དཔུང་སྡེ་རྒྱ་ཇེ་ཆེར་འགྲོ་བར་སྔོན་འགོག་བྱེད་རྒྱུ་དེ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།