ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་ལས་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉེར་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་སོ་མཱ་ལིའི་དབུས་ཕྱོགས་ཀྱི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། དེ་ལས་རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་ཉེར་དྲུག་བསད་ཟེར། 

གསལ་སྒྲོག་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་ཆམ་ཕབ་གཏོང་སའི་དམིགས་འབེན་དེ་སོ་མཱ་ལིའི་དབུས་ཕྱོགས་ཀྱི་ཞེ་ལན་ཀྲིག་ཏུ་ཡོད་པ་དང་། མི་སེར་དཀྱུས་མར་བར་སྣང་འཇབ་རྒོལ་ཁྲོད་ཤི་རྨས་ཐེབས་མེད་ཟེར། 
ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཆེད་མངག་ཚོགས་པ་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་བར་མཉམ་ལས་བྱས་ཏེ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།