ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལཱའི་དཔོན་པོ་དྲུག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་ཝེ་ནེ་ཙུའེ་ལཱའི་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱི་མཐོ་རིམ་དཔོན་པོ་དྲུག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱུ་མཚན་ནི་མི་དྲུག་པོ་དེ་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ལ་རྒྱབ་སྐྱོར་བྱས་པ་དང་ཨ་མེ་རི་ཁས་སྣེ་ཁྲིད་དེ་འདོན་སྤྲོད་བྱེད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཝེ་ནེ་ཙུའེ་ལཱ་རུ་འདྲེན་པར་བཀག་འགོག་བྱས་པས་རེད། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། བཀག་སྡོམ་ཐེབས་པའི་མི་སྣའི་དབང་འོག་ཏུ་གཏོགས་པའི་དྲག་ཆས་སྟོབས་ཤུགས་དེ་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཨ་མེ་རི་ཁས་སྣེ་ཁྲིད་དེ་འདོན་སྤྲོད་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཝེ་ནེ་ཙུའེ་ལཱ་རུ་འདྲེན་པར་བཀག་འགོག་བྱེད་པའི་བྱ་འགུལ་ནང་ཞུགས་པ་རེད། ཨ་མེ་རི་ཁའི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་པའི་མི་སྣ་དེ་དག་གི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེའི་བར་ཉོ་ཚོང་བྱེད་མི་རུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།