ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་ཧི་ནེའི་གྲོས་མོལ་ནས་ཡིག་ཆ་གང་ཡང་བཀོད་མེད་པ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་ཧི་ནེ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་ནས་ཐུན་མོང་ཡིག་ཆ་གང་ཡང་བཀོད་མེད་པ་ཁས་ལེན་བྱས། 
      ཁོས་བཤད་རྒྱུར། འདས་པའི་ཉིན་གཉིས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ལྡན་ཡང་། ཡིག་ཆ་གང་ཡང་བཀོད་མེད། ཕྱོགས་གཉིས་ལ་གདམ་གསེས་མང་བོ་ཡོད་ཀྱང་། མིག་སྔར་ནང་དོན་གང་ཡང་ལག་བསྟར་མི་བྱེད་རྒྱུའི་ཐག་བཅད་ཡོད་ཟེར། 
      ཐི་ལིང་ཕུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཁྲའོ་ཞན་གྱི་བཀག་སྡོམ་མེད་པར་གཏོང་བ་སོགས་གནད་དོན་ཐད་ནས་འགལ་བ་བྱུང་ཟེར། 
      ཕོ་བྲང་དཀར་པོའི་མགྲིན་ཚབ་པས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་མ་བསྡུས་གོང་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ནས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་འབྲེལ་ཡོད་ཀྱི་དཔལ་འབྱོར་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྣ་ཚོགས་ལ་གྲོས་བསྡུར་བྱས་ཀྱང་། གྲོས་མཐུན་གང་ཡང་བཀོད་མེད། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་མ་འོངས་པར་མུ་མཐུད་དུ་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 
       ཉིན་དེའི་སྔ་དྲོར། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་འཆར་གཞི་ལྟར་སྔ་གཞུག་ཏུ་གྲོས་མོལ་རབ་དང་རིམ་པ་སྤེལ། ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཀའི་ཡས་མས་སུ། ཁྲའོ་ཞན་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་རླངས་འཁོར་རུ་ཁག་རང་རང་ས་ནས་གྲོས་མོལ་བྱ་ཡུལ་དང་བྲལ་བ་དང་། སྔར་གཏན་འཁེལ་བྱས་པའི་མཉམ་དུ་ཡིག་ཆ་འགོད་པའི་མཛད་སྒོ་མ་སྤེལ་བ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།