ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐོག་མ་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་ཧི་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐོག་མ་ཚེས་ཉེར་བཞིའི་ཉིན་ཨེ་ཅིབ་ཀྱི་མཚོ་དམར་མཚོ་འགྲམ་གྱི་ཧྲ་མུའུ་ཧྲ་དབྱེ་ཧི་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། ཡོ་རོབ་གླིང་དང་ཨ་རབ་རྒྱལ་ཁབ་དག་གི་མགོ་ཁྲིད་པ་ལྔ་བཅུ་ལྷག་གྲོས་ཚོགས་ལ་ཞུགས། 

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་ཁབ་རེ་འགས་འཇིགས་སྐུལ་རིང་ལུགས་ལ་བརྟེན་ནས་རྙོག་དྲ་བཟོ་བ་དང་། འཇིགས་སྐུལ་རིང་ལུགས་དེ་འགོ་ནད་བཞིན་དུ་མཆེད་བཞིན་ཡོད་ཟེར། ཁོས་གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོ་རོབ་གལིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་སློབ་གསོའི་རོགས་སྐྱོར་དང་ལས་ཤོར་ཇེ་ཉུང་དུ་གཏོང་བ། དངུལ་གཏོང་ལ་སྐུལ་འདེད་གཏོང་བ། ཉོ་ཚོང་སྐུལ་འདེད་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། དེ་ནི་སྤྱི་ཚོགས་ལ་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་པར་སྔོན་འགོག་དང་དུས་ཡུན་རིང་བོའི་ཞི་བདེ་དང་གཏན་འཇགས་སྲུང་འཛིན་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། 

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཆབ་སྲིད་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཧཱ་པཱ་སི་ཡིས་ཚེས་ཉེར་གསུམ་ཉིན་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐོག་མ་ནས་གཙོ་ིབོ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་སྣོན་པ་དངད་། མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་སོགས་གྲོས་གཞིར་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།