ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་གསར་གཏོད་བསམ་བློས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་ལས་འཕེལ་རྒྱས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་གསུམ་ཉིན་པཱ་རེ་སི་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གསར་གཏོད་བསམ་བློར་བརྟེན་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐུན་མོང་གི་ཞིང་ལས་སྲིད་ཇུས་ལ་ཐར་ལམ་གསར་བ་འཚོལ་ཞིབ་བྱས་ཏེ། ཁོར་ཡུག་ལེགས་བཅོས་དང་འགྲན་རྩོད་ནུས་པ་སྲུང་འཛིན་བྱེད་པ་མཉམ་འཛིན་གྱི་ཞིང་ལས་འཕེལ་རྒྱས་རྣམ་པ་གསར་སྐྲུན་བྱ་དགོས་པའི་འབོད་སྐུལ་བཏང་། 

མཱ་ཁི་ལུང་གིས་ཉིན་དེར་ཧྥ་རན་སིའི་རྒྱལ་སྤྱིའི་ཞིང་ལས་འགྲེམ་སྟོན་ཚོགས་འདུ་སྐབས་ང་དྲུག་པ་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། མིག་སྔར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་ལས་འཕེལ་རྒྱས་ཐད་འགྲན་རྩོད་རབ་དང་རིམ་པ་གནས་ཡོད་དེ། དཔེར་ན་ཞིང་ལས་གཉེར་མཁན་ཉུང་བ་དང་ས་ཞིང་གཅིག་བསྡུས་ཅན་གྱི་ཚད་ཐལ་དྲགས་པ་སོགས་འདུས། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཐུན་མོང་ཞིང་ལས་སྲིད་ཇུས་ཀྱི་གྲོས་མོལ་ཁྲོད་གསར་གཏོད་བསམ་བློས་ཐར་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཱ་ཁི་ལུང་གིས་བལྟས་ན། ཐུན་མོང་ཞིང་ལས་སྲིད་ཇུས་དེས་ཐོག་མར་ཞིང་བར་སྲུང་སྐྱོབ་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་ཚོང་རའི་འཕེལ་འགྲིབ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་མི་ཐེབས་པར་བྱ་དགོས་པ་དང་། དེའི་རྗེས་སུ་ཞིང་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་ནས། སྤུས་ལེགས་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས། མཇུག་མཐར་ཚན་རྩལ་འདྲེས་ཚད་ཇེ་མང་དུ་བཏང་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཟས་རིགས་བདེ་འཇགས་ལས་ཁུངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པར་འདོད། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཐུན་མོང་ཞིང་ལས་སྲིད་ཇུས་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཐུན་མོང་ཞིང་ལས་སྲིད་ཇུས་ཡིན་པ་དང་། དམིགས་ཡུལ་ནི་ཡོ་རོབ་གླིང་གི་ཞིང་ལས་ཐོན་རྫས་ཚོང་ར་གཏན་འཇགས་ཡོང་བར་བྱེད་པ་དང་ཚོང་རའི་ལུགས་མཐུན་རིན་གོང་འོག་མཁོ་འདོན་རྒྱུན་ལྡན་ཡོང་བར་འགན་སྲུང་བྱེད་པའི་ཞོར་དུ་ཞིང་བའི་ཡོང་འབབ་ཆུ་ཚད་ལ་ཁག་ཐེག་བྱེད་པའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།