ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་རྒྱ་གར་དུ་འཚམས་འདྲི་བྱས་ཏེ་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་པར་གཞི་གསར་བའི་རྒྱ་གར་འཐབ་ཇུས་ཡིག་ཆ་སྤེལ་རྗེས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་ཚོང་ར་དང་། བཟོ་ལས། ཁེ་ལས་ཆུང་འབྲིང་གི་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་པེན་ཁི་ཧྥུའུ་སི་ཁཱ་ཡིས་རྒྱ་གར་དུ་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱི་བཟོ་ལས་དང་དཔལ་འབྱོར་ཉོ་ཚོང་། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་བརྩོན་ལེན་བྱེད་རྒྱུ་རེད། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། པེན་ཁི་ཧྥུའུ་སི་ཁཱ་ཡིས་ཚེས་ཉེར་ལྔ་ཉིན་ནས་བཟུང་རྒྱ་གར་དུ་དུས་ཡུན་ཉིན་བཞིའི་རིང་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་ཁོ་མོས་རྒྱ་གར་ཚོང་ལས་དང་བཟོ་ལས་པུའུ་ཀྲང་། གཞུང་ལམ་འགྲིམ་འགྲུལ་དང་སྐྱེལ་འདྲེན་པུའུ་ཀྲང་སོགས་དཔོན་རིགས་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་བཟོ་ལས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། གྲོས་གཞི་དག་མིའི་ཐབས་ཀྱི་རིག་ནུས་དང་རླངས་འཁོར་ལས་རིགས་སོགས་ཁྱབ་ཁོངས་གཙོ་བོ་དང་ཚད་ལྡན་མཉམ་ལས། ཚོང་རའི་ཞུགས་ཆོག སྤྱི་བའི་ཉོ་བསྡུ་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་པ་རེད། 

དེ་ལས་གཞན་པེན་ཁི་ཧྥུའུ་སི་ཁཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་རྒྱ་གར་ཚོང་ལས་ལས་རིགས། ཁེ་ལས་ཆུང་འབྲིང་གི་འཐུས་མི་སོགས་ལ་ཐུག་འཕྲད་བྱེད་རྒྱུ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་གཞི་མགོ་རྩོམ་པའི་མཛད་སྒོར་ཞུགས་ནས་གཏམ་བཤད་གལ་ཆེན་སྤེལ་རྒྱུ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཀུང་ཟི་དག་ཡོ་རོབ་གླིང་མནའ་འབྲེལ་དང་རྒྱ་གར་གྱི་ནུས་ཁུངས་དང་ནམ་ཟླ། སྤོ་སྒུལ། འཕྲིན་གཏོང་བརྡ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་དང་། ནུས་པ་སྔར་ལས་ཆེན་པོ་འདོན་རྩིས་ཡོད་པ་རེད། 

ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། པེན་ཁི་ཧྥུའུ་སི་ཁཱ་ཡིས་རྒྱ་གར་གྱི་ཀོས་ཀུའུ་པན་ཅཱ་ལོ་ཨར་དུ་འཚམས་འདྲི་བྱེད་རྒྱུ་རེད། སྤྱི་སྒྲོག་ལས་བཤད་རྒྱུར། ཁོ་མོས་སྤྱི་ཁྱབ་པུའུ་པན་ཅཱ་ལོ་ཨར་དུ་ཡོད་པའི་རྒྱ་གར་བར་སྟོང་ཞིབ་འཇུག་རྩ་འཛུགས་ལ་འཚམས་འདྲི་བྱས་ཏེ། མཁའ་འགྲུལ་མཉམ་ལས་ལ་ཤུགས་སྣོན་པར་བརྩོན་ལེན་བྱེད་རྒྱུ་མ་ཟད། ཧི་ལན་ཧྥེ་ལེ་ཕུའུ་ཀུང་ཟི་ཡིས་པན་ཅཱ་ལོ་ཨར་དུ་བཙུགས་ཡོད་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ལ་ལྟ་སྐོར་བྱེད་རྒྱུ་རེད་ཟེར། 

ཡིག་ཆ་དེ་ལས་ཡོ་རོབ་གླིང་མནའ་འབྲེལ་དང་རྒྱ་གར་གྱིས་དུས་བཅད་ལྟར་གྲོས་མོལ་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། དཔལ་འབྱོར་དང་ཉོ་ཚོང་། དངུལ་གཏོང་སོགས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན་པར་མ་ཟད། རྒྱ་གར་བར་གྱི་གཞི་གྲངས་འཁོར་རྒྱུག་དང་ཚན་རིག་ཞིབ་འཇུག་གསར་གཏོད། དག་གཙང་ནུས་ཁུངས། ཨེ་ཤ་ཡཱའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།