ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱ་ཡིས་བྱེད་ཐབས་གསར་བར་གྲོས་མཐུན་བཀོད་དེ་སྒེར་གཉེར་དཔལ་འབྱོར་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུ་པཱ་སྲིད་གཞུང་གིས་ཚེས་ཉི་ཤུ་ཉིན་བྱེད་ཐབས་གསར་བ་སྣ་དགུ་ལ་གྲོས་མཐུན་བཀོད་དེ། ད་ཡོད་ཀྱི་སྒེར་གཉེར་དཔལ་འབྱོར་གྱི་འབྲེལ་ཡོད་གཏན་འཁེལ་ཇེ་ལྷོད་དུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་སྒེར་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཡར་སྐུལ་བཏང་། 

ཁུ་པཱའི་ངལ་རྩོལ་བཟོ་བ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥེ་ཐའོ་ཡིས་བཤད་རྒྱུར། འབྲེལ་ཡོད་ཀྱི་སྒྲིག་སྲོལ་ཞིབ་རྒྱས་མི་འགྱངས་པར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། བྱེད་ཐབས་གསར་བས་སྒེར་གཉེར་དཔལ་འབྱོར་གཉེར་མཁན་གྱི་སེམས་ཁུར་དང་དོ་སྣང་ལ་ལན་བཏབ་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། བྱེད་ཐབས་གསར་བར་སྒྱུ་རྩལ་གསར་རྩོམ་སྒྲིག་ཆས་ཕྱི་ལ་གླས་ཆོག་པ་དང་ངག་ཐོག་ལོ་ཙཱ་སོགས་སྒེར་གཉེར་དཔལ་འབྱོར་བྱ་འགུལ་གྱི་བྱེད་ཐབས་གསར་བ་སྣ་ལྔ་དང་སྒེར་གཉེར་ཆོག་མཆན་དཔང་ཡིག་གི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རེ་ཞུའི་འགྲོ་ལུགས་སྟབས་བདེ་རུ་གཏོང་་བ་སོགས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།