ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྲོས་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་ནང་ཞུགས་པའི་བྱེད་ཕྱོགས་དང་འབྲེལ་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཚེས་བདུན་ཉིན་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དངོས་སུ་གྲོས་འཆམ་བྱུང་སྟེ། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་ནང་ཞུགས་པ་དེ་རྒྱལ་ཁབ་ཀྱི་གཞི་རྩའི་བྱེད་ཕྱོགས་སུ་བྱས་ནས་རྩ་ཁྲིམས་ནང་བྲིས། 

ཝུའུ་ཁི་ལན་གྲོས་ཁང་གིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེར་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་སྐབས་བསྡོམས་པས་གྲོས་མི་སུམ་བརྒྱ་དང་སོ་བཞི་ཡིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཡིད་འཐད་ཡིན་པའི་འདེམ་ཤོག་འཕངས་ཏེ་རྩ་ཁྲིམས་འཆར་ཟིན་དེར་གྲོས་འཆམ་བྱུང་བ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།