ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ལས་ཁུངས་ཀྱིས་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཁོར་སྐར་གཏོང་འཕེན་ཐད་ནོར་འཆུག་གི་མཛུབ་སྟོན་བྱས་མྱོང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་སྐར་རྩིས་འཇིག་རྟེན་ཚན་རིག་ལྟེ་གནས་ཀྱིས་ཟླ་གཉིས་པའི་ཚེས་གཅིག་ཉིན་སྤེལ་བའི་ཡིག་ཆ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ན་ནིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་སྙན་ཞུ་ཕུལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཁོར་སྐོར་དེ་ཨུ་རུ་སིའི་འཁོར་སྐར་དང་ཐོ་བརྒྱག་སྲིད་པར་བཤད་ཀྱང་། དོན་དངོས་སུ་ནོར་འཆུག་གི་གཞི་གྲངས་ལ་བརྟེན་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཁོར་སྐོར་གཏོང་འཕེན་ཐད་མཛུབ་སྟོན་བྱས་པ་རེད་ཟེར། 

བསྒྲགས་པ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ན་ནིང་ཟླ་ལྔ་བར་ཨ་མེ་རི་ཁའི་དམག་ཕྱོགས་ཀྱི་གནས་ཚུལ་འབྱོར་ཏེ། རྒྱལ་ཁབ་དེའི་འཁོར་སྐར་དང་ཨུ་རུ་སིའི་འཁོར་སྐར་ཐོ་བརྒྱག་པའི་ཉེན་ཁ་ཆེན་པོ་ཡོད་པར་བཤད། ཨ་མེ་རི་ཁ་ཕྱོགས་ཀྱིས་བཤད་རྒྱུར། འཁོར་སྐར་དེ་གཉིས་རྨིད་བརྒྱ་དང་བཞི་བཅུ་ནས་སྟོང་རྨིད་དགུ་དང་གྲངས་ཆུང་དྲུག་ལྔའི་བར་ཐག་ནང་འཕུར་བསྐྱོད་བྱེད་བཞིན་ཡོད་ཟེར། ཡིན་ཡང་ཨུ་རུ་སིའི་བར་སྣང་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། དོན་དངོས་སུ་འཁོར་སྐར་དེ་གཉིས་ཀྱི་བར་ཐག་སྟོང་རྨིད་བཞི་བཅུ་ལས་ཆུང་བའི་སྣང་ཚུལ་བྱུང་མྱོང་མེད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།