ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་ཡིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་འབུད་པའི་ལས་རིམ་མགོ་རྩོམ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190202093350AgXD.jpg

ཟླ་གཉིས་པའི་ཚེས་གཅིག་ཉིན། ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་ཚེས་གཉིས་ཉིན་ནས་བཟུང་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གི་འོས་འགན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་པ་དང་། ཆིངས་ཡིག་དེ་ལས་ཕྱིར་འབུད་པའི་ལས་རིམ་མགོ་རྩོམ་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུ། ཨུ་རུ་སི་ཡིས་དུས་ཡུན་རིང་བོར་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་སྤེལ་བའི་དབང་གིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཆིངས་ཡིག་གི་འོས་འགན་ལག་བསྟར་བྱེད་མཚམས་བཞག་པ་ཡིན་ལ། དུས་ཡུན་ཟླ་ངོ་དྲུག་གི་ཆིངས་ཡིག་ལས་ཕྱིར་འབུད་པའི་ལས་རིམ་མགོ་བརྩམས་པ་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་བསྟན་དོན། ཁོས་ཨུ་རུ་སི་ཡིས་ཆིངས་ཡིག་དེར་བརྩི་འཇོག་བྱེད་པར་རེ་བ་བཅངས་ཡོད་པ་དང་། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་མ་འོངས་པའི་ཟླ་ངོ་དྲུག་གི་ནང་མུ་མཐུད་དུ་དོན་དེར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དུས་ཡུན་རིང་བོར། ཨུ་རུ་སི་ཡིས་གསང་སྟབས་ཀྱིས་ཆིངས་ཡིག་ལས་ཚོད་འཛིན་བྱས་པའི་འཕུར་མདའི་མ་ལག་གསར་སྤེལ་དང་བཀོད་སྒྲིག་བྱས་པས། ཨ་མེ་རི་ཁས་ཆོད་དོན་དེ་འདྲ་མི་སྤེལ་ཐབས་མེད་བྱུང་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།