ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་ཙུང་ཐུང་གིས་སྲིད་གཞུང་དམག་དཔུང་གིས་ནན་ཁི་ཨར་ཏའོ་ཧྥན་ཀྲིག་ནས་ཕྱོགས་གཅིག་གིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གྱི་ཙུང་ཐུང་པཱ་ཞེ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་སྲིད་གཞུང་དམག་དཔུང་གིས་ནན་ཁི་ཨར་ཏའོ་ཧྥན་ཀྲིག་ནས་ཕྱོགས་གཅིག་གིས་འཁྲུག་རྩོད་མཚམས་བཞག་སྟེ། ཞི་བདེ་ལ་ཡར་སྐུལ་དང་མི་རིགས་ཀྱི་ཐུན་མོང་ལྟ་ཚུལ་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཁོས་ད་རུང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་སུའུ་ཏན་མི་དམངས་བཅིངས་འགྲོལ་འགུལ་སྐྱོད་ཞི་བདེའི་འཕེལ་རིམ་ནང་ཞུགས་དགོས་པའི་སྐུལ་མ་བཏང་། 

པཱ་ཞེ་ཨར་གྱིས་ཉིན་དེར་ནན་ཁི་ཨར་ཏའོ་ཧྥན་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཁཱ་ཏུའུ་ཀི་ལེ་ནས་འདུ་ཚོགས་ལ་ཞུགས་སྐབས་སྲིད་གཞུང་དམག་དཔུང་གིས་ཀྲིག་དེ་ནས་ཕྱོགས་གཅིག་གིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། ཁོས་ནན་གྱིས་བསྟན་དོན། སྲིད་གཞུང་གིས་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོ་ནི་ས་ཁུལ་དེར་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པ་དང་། ས་གནས་གནས་བབ་དེ་རྒྱུན་ལྡན་དུ་འགྱུར་བར་བྱེད་རྒྱུ་དེ་ཡིན་ལ། སྲིད་གཞུང་གིས་ཞི་བདེ་མངོན་འགྱུར་བྱེད་པར་ནུས་པ་གང་ཡོད་འདོན་འདོད་ཡོད་ཟེར། 

པཱ་ཞེ་ཨར་གྱིས་འདུ་ཚོགས་སྟེང་གཏམ་བཤད་སྤེལ་ཏེ་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་ཞི་བདེའི་འཕེལ་རིམ་ནང་ཞུགས་ནས། ས་ཁུལ་རང་གི་རྒྱུན་མཐུད་འཕེལ་རྒྱས་ཐད་འབད་བརྩོན་བྱེད་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།