ཀྲུང་གོ་བོད་ཀྱི་དྲ་བ།

ཨར་པཱ་ནི་ཡཱའི་ཙུང་ཐུང་གིས་ཨར་པཱ་ནི་ཡཱ་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་པཱ་ནི་ཡཱའི་ཙུང་ཐུང་མེ་ཐཱ་ཡིས་ཚེས་ཉེར་བཞིའི་ཉིན་ཏིས་ལཱ་ནཱ་ནས་བསྟན་དོན། ཨར་པཱ་ནི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བ་གོ་སྐབས་སུ་བྱས་ཏེ། ཨར་པཱ་ནི་ཡཱ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 

མེ་ཐཱ་ཡིས་ཉིན་དེར་ཨར་པཱ་ནི་ཡཱའི་ཙུང་ཐུང་བཞུགས་ཤག་ནས་ཨར་པཱ་ནི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཆེན་མོ་ཀྲིག་ཏེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། མེ་ཐཱ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་བབ་བཟང་བོར་གདེང་འཇོག་ཆེན་པོ་བྱས་པ་དང་། ཨར་པཱ་ནི་ཡཱ་ཕྱོགས་ཀྱིས་ཀྲུང་གོས་ཨར་པཱ་ནི་ཡཱའི་དངུལ་གཏོང་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། གནས་སྐོར། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱས་ཡོད་པ་དང་། བརྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ལ་བརྟེན་ནས་ས་ཁུལ་རང་གི་འཕེལ་རྒྱས་ལ་ཡར་སྐུལ་འདེད་གཏོང་བའི་གྲོས་འདོན་ལ་དགའ་བསུ་དང་དེའི་ནང་ཧུར་ཐག་སྒོས་ཞུགས་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།