ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་པའི་གྲོས་མཐུན་ལ་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201901220938531R1q.jpg

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། དབྱིན་ཇིའི་ལོན་ཏོན་ནས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཐང་ཉིན་སྲང་ལམ་གྱི་སྒོ་རྟགས་ཨང་བཅུ་བ་དང་བྲལ་ནས་གྲོས་ཁང་ཞོལ་མར་སོང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཁོ་མོས་དབྱིན་ཇིའི་རྒྱལ་ནང་གི་ཏང་ཁག་རེ་འགའ་དང་མཉམ་དུ་དེ་སྔོན་གྲོས་ཁང་གིས་ཁས་ལེན་མ་བྱས་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

ཐི་ལོས་ཧྲ་མཱེ་ཡིས་ཉིན་དེར་དབྱིན་ཇིའི་གྲོས་ཁང་ཞོལ་མ་ནས་བཤད་རྒྱུར། ཁོ་མོས་ཨིར་ལན་བྱང་མའི་དམངས་གཙོ་གཅིག་གྱུར་ཏང་སོགས་ཏང་ཁག་བར་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཨིར་ལན་མཐའ་མཚམས་གནད་དོན་དང་འབྲེལ་བའི་ནང་དོན་ཐད་ནས་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

ཐི་ལོས་ཧྲ་མཱེ་ཡིས་ནན་གྱིས་བསྟན་དོན། ཁོ་མོས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་འགོར་འགྱངས་བྱེད་པའི་གྲོས་གཞི་དེས་གྲོས་ཁང་ཞོལ་མར་རྒྱབ་སྐྱོར་ཐོབ་པ་མ་ཡིན་པར། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་རྩིས་མེད་དུ་བཏང་ཡང་ཉིས་སྟོང་བཅུ་དྲུག་ལོའི་དབྱིན་ཇིའི་རྒྱལ་ཡོངས་སྤྱི་དམངས་ཀྱིས་བརྡས་ཐག་བཅད་པའི་མཇུག་འབྲས་དང་འགལ་ཡོད་ཟེར། 

ཟླ་འདིའི་ཚེས་བཅོ་ལྔ་ཉིན། དབྱིན་ཇིའི་གྲོས་ཁང་ཞོལ་མས་འདེམ་ཤོག་འཕངས་ནས་དེའི་སྔོན་དབྱིན་ཇིའི་སྲིད་གཞུང་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཁས་ལེན་མ་བྱས། ཨིར་ལན་བྱང་མའི་དམངས་གཙོ་གཅིག་གྱུར་ཏང་སོགས་ཏང་ཁག་གིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས་ཡོད། 

དེའི་སྔོན་གྱི་གྲོས་མཐུན་ལྟར་ན། དབྱིན་ཇི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།