ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་རང་གི་མཁའ་སྲུང་མ་ལག་གིས་དབྱི་སི་རལ་གྱི་འཕུར་མདའ་བཀག་འགོག་བྱས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་མཁའ་སྲུང་མ་ལག་གིས་ཚེས་ཉི་ཤུའི་ཉིན་དབྱི་སི་རལ་ནས་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་གཏོང་འཕེན་བྱས་པའི་འཕུར་མདའ་བདེ་བླག་ངང་བཀག་འགོག་བྱས་ཡོད་ཟེར། 

མིང་བཤད་མི་འདོད་པའི་སི་རི་ཡཱའི་དམག་ཕྱོགས་མི་སྣ་ཞིག་གིས་བཤད་རྒྱུར། དབྱི་སི་རལ་གྱི་འཕུར་མདའ་དེ་ཁུའུ་ནེ་ཐི་ལཱ་ཞིང་ཆེན་གྱི་ཧཱ་ཏའེ་ཨར་གྲོང་རྡལ་ཤར་ངོས་ས་ཁུལ་ནས་བཀག་པ་དང་། སྐབས་ཐོག་དེར་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་ཀི་ལན་མཐོ་སྒང་གི་བར་སྣང་དུ་འཕུར་བཞིན་ཡོད་ཟེར། 

དེ་ནི་ཟླ་འདིའི་ནང་སི་རི་ཡཱ་ཡིས་ཐེངས་གཉིས་པར་དབྱི་སི་རལ་གྱིས་སི་རི་ཡཱ་ལ་བར་སྣང་འཇབ་རྒོལ་བྱས་པ་བདེན་དཔང་བྱས་པ་རེད། སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཟླ་འདིའི་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་ས་ཁུལ་དུ་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་སྐོར་ཞིག་བཀག་ཡོད་ཟེར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཀྱང་ཚེས་བཅུ་གསུམ་ཉིན་བར་སྣང་འཇབ་རྒོལ་དོན་རྐྱེན་དེ་བདེན་དཔང་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།