ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ཡིས་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ་ཡིས་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་བཀའ་རྒྱ་བཏང་སྟེ། ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། 

ཨར་ཅི་རི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་དུས་ཚོད་ཁྱབ་སྒྲོག་བྱས་རྗེས་འགྲན་རྩོད་ལ་ཞུགས་འདོད་མཁན་ཚོས་འབྲེལ་ཡོད་ཡིག་ཆ་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚད་དང་ལྡན་པའི་ཙུང་ཐུང་གི་འདེམ་སྒུག་མི་སྣའི་མིང་ཐོ་ཁྱབ་སྒྲོག་བྱེད་པ་ཡིན། 

པུའུ་ཐི་ཧྥོ་ལེ་ཁཱ་མི་སྒེར་གྱིས་རང་ཉིད་འདེམ་བསྐོའི་བྱ་འགུལ་ལ་ཞུགས་མིན་གསལ་བོར་མ་བཤད། དེའི་སྔོན་ཨར་ཅི་རི་ཡཱའི་སྲིད་འཛིན་ཏང་ཁག་ཆེན་མོ་གཉིས་དང་ཏང་ཁག་རེ་འགའི་རྒྱབ་སྐྱོར་མཁན་གྱིས་པུའུ་ཐི་ཧྥོ་ལེ་ཁཱ་འདེམ་བསྐོར་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

ཨར་ཅི་རི་ཡཱའི་ཙུང་ཐུང་འདེམ་བསྐོ་དེ་ལོ་ལྔའི་ནང་ཐེངས་རེར་སྤེལ་བ་དང་། ད་ལྟའི་ཙུང་ཐུང་པུའུ་ཐི་ཧྥོ་ལེ་ཁཱ1999ལོར་བདམས་པ་རེད། དེའི་རྗེས་སུ་སྤེལ་བའི་ཙུང་ཐུང་འདེམ་བསྐོ་ཆེན་མོའི་ཁྲོད་བསྟུད་འགན་ཁུར་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།