ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་ཙུང་ཐུང་གིས་ནེ་ལོ་པུས་ཀྱི་འགས་གཏོར་འཇབ་རྒོལ་ལས་མི་སེར་དཀྱུས་མ་བཅུ་བཞིར་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་ཚེས16ཉིན་གྱི་སྔ་དྲོར་བརྙན་འཕྲིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ས་ནེ་ལོ་པུས་ནས་ཚེས15ཉིན་བྱུང་བའི་འགས་གཏོར་འཇབ་རྒོལ་དང་འཁྲུག་རྩོད་དོན་རྐྱེན་ལས་བསྡོམས་པས་མི་སེར་དཀྱུས་མ14རྐྱེན་ལམ་དུ་ཤོར་ཟེར། 

ཁུན་ཡཱ་ཐཱ་ཡིས་བཤད་རྒྱུར། ས་དེའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་ཀྱི་འཇབ་རྒོལ་མཁན་ཚང་མ་བསད། ཉེས་མེད་མི་སེར་དཀྱུས་མ་བཅུ་བཞི་གདུག་རྩུབ་ཆེ་བའི་འཇིགས་སྐུལ་ཉེས་ཅན་པའི་ལག་ཏུ་ལྷུང་སོང་བ་རེད་ཟེར། ཁུན་ཡཱ་ཐཱ་ཡིས་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལ་ངོ་རྒོལ་བྱེད་པར་ཤུགས་སྣོན་བྱེད་རྒྱུ་དམ་བཅས་པ་དང་། མུ་མཐུད་དུ་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཁུན་ནེ་ཡཱ་ལ་འཇིགས་སྐུལ་རིང་ལུགས་ཀྱི་གནོད་པ་མི་ཐེབས་པར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། བསྡོམས་པས་འཇབ་རྒོལ་མཁན་དྲུག་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནང་ཞུགས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།