ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་སྡོད་དམངས་ཐོག་ཁང་ཞིག་ནས་རང་བྱུང་སོལ་རླངས་འགས་གཏོར་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཁྲུ་ལི་ཡཱ་པེན་སི་ཁི་ཀྲིག་མཱ་ཀི་ནེ་ཐའོ་ཀི་ཨར་སི་ཁི་གྲོང་ཁྱེར་ནས་ཉེ་སྔོན་བྱུང་བའི་སྡོད་དམངས་ཐོག་ཁང་གི་རང་བྱུང་སོལ་རླངས་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་ཉེར་གཅིག་ལ་འཕར་ཡོད་ཟེར། 

བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་བར། རྒུད་སྐྱོབ་མི་སྣས་ཞིག་རོའི་འོག་ནས་མི་ཉེར་བདུན་རྙེད་པ་དང་། དེའི་ནང་བྱིས་པ་གཉིས་དང་བཅས་པའི་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། མི་དྲུག་སྲོག་ཉེན་ལས་བསྐྱབས། དེ་ལས་གཞན་རྒུད་སྐྱོབ་མི་སྣས་སྔར་བཞིན་གར་སོང་མ་རྙེད་པའི་མི་སྣ་སྔོག་བཤེར་བྱེད་བཞིན་ཡོད་ཟེར། 

ཁྲུ་ལི་ཡཱ་པེན་སི་ཁི་ཀྲིག་གི་ཀྲིག་ཀྲང་ཏུའུ་པའོ་ལོ་ཧྥུའུ་སི་ཅི་ཡིས་ཚེས་གཉིས་ཉིན་ནི་མྱ་ངན་ཞུ་བའི་ཉིན་མོར་གཏན་འཁེལ་བྱས་པ་དང་། ཀྲིག་ཡོངས་ནས་ཉིན་དེར་རོལ་རྩེད་བྱ་འགུལ་སྣ་ཚོགས་མཚམས་བཞག་ནས་དོན་རྐྱེན་དེའི་ཁྲོད་ཀྱི་འདས་པོར་མྱ་ངན་ཞུ་དགོས་པ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།