ཀྲུང་གོ་བོད་ཀྱི་དྲ་བ།

རུ་ཝང་ཏཱའི་དམག་ཕྱོགས་ཀྱིས་བཙན་ཁྲིད་བྱས་པའི་མི་སེར་དཀྱུས་མ་དོན་བཞི་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རུ་ཝང་ཏཱའི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། དམག་ཕྱོགས་ཀྱིས་ཉེ་སྔོན་རུ་ཝང་ཏཱའི་ལྷོ་ཕྱོགས་ས་ཁུལ་ནས་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པའི་མི་སེར་དཀྱུས་མ་དོན་བཞི་བདེ་བླག་ངང་བསྐྱབས་ཡོད་ཟེར། 

རུ་ཝང་ཏཱའི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་མུའུ་ནེ་ཨིན་ཀན་ཀི་ཡིསི་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་རུ་ཝང་ཏཱའི་ལྷོ་ཕྱོགས་ཀྱི་ཅི་ཐཱ་པུས་ས་ཁུལ་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པའི་མི་སེར་དཀྱུས་མ་དོན་བཞི་བོ་ཚང་མ་བསྐྱབས་ཡོད་ཟེར། 
རུ་ཝང་ཏཱའི་རྒྱལ་སྲུང་དམག་དཔུང་གིས་དེའི་སྔོན་སྤེལ་བའི་གསལ་སྒྲོག་ལྟར་ན། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བཅོ་ལྔ་ཉིན་ཅི་ཐཱ་པུས་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག རྨས་མའི་གྲས་སུ་མི་གཉིས་ལ་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། རུ་ཝང་ཏཱའི་དམག་དཔུང་གིས་དྲག་ཆས་ཉེས་ཅན་དེ་དག་གི་རྗེས་འདེད་སྐབས་མི་གསུམ་བསད་པ་དང་། དེའི་འཕྲོའི་དྲག་ཆས་ཉེས་ཅན་དག་ཁྱིམ་མཚེས་རྒྱལ་ཁབ་པུ་ལོང་ཏིས་སུ་བྲོས་པ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།