ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་ཅཱ་ཕཱ་ཁི་སཱ་ཡིས་སིང་ག་ལཱའི་ཙུང་ལིའི་ལས་འགན་བསྐྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་མིང་འདོན་ཙུང་ལི་ལཱ་ཅཱ་ཕཱ་ཁི་སཱ་ཡིས་ཚེས་བཅོ་ལྔ་ཉིན་ལས་ཁུར་དགོངས་ཞུ་བྱེད་པའི་ཡིག་ཆ་བཀོད་དེ། ཙུང་ལིའི་ལས་འགན་བསྐྱུར་བ་རེད། 

ཉིན་དེའི་དགོང་མོར་ལཱ་ཅཱ་ཕཱ་ཁི་སཱ་ཡིས་དྲ་རྒྱའི་རྒྱང་སྒྲོག་ལས་བསྟན་དོན། ཁོས་གྲོས་ཁང་འདེམ་བསྐོ་མ་བྱས་པའི་སྔོན་འགྲོའི་འོག་ཙུང་ལིའི་འགན་ཁུར་འདོད་མེད། ཙུང་ཐུང་ཞི་ལི་སེ་ནཱ་ཡི་སྲིད་འཛིན་ལ་བར་ཆད་མི་བཟོ་བའི་ཆེད་དུ། ཁོས་ཙུང་ལིའི་ལས་འགན་བསྐྱུར་ནས། ཙུང་ཐུང་གིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། 

ལཱ་ཅཱ་ཕཱ་ཁི་སཱ་ཡིས་ད་རུང་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་ཡིན་པའི་ཆ་ནས་མུ་མཐུད་དུ་གྲོས་ཁང་གིས་སྔ་མོ་ནས་འདེམ་བསྐོའི་བྱ་འགུལ་སྤེལ་བར་ཡར་སྐུལ་བཏང་སྟེ། སིང་ག་ལཱ་རྒྱལ་ནང་གི་ཆབ་སྲིད་ཟང་ཟིང་གི་རྣམ་པ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

མིག་སྔར་སིང་ག་ལཱའི་གྲོས་ཁང་གིས་སྔ་གཞུག་ཐེངས་གཉིས་ལ་ལཱ་ཅཱ་ཕཱ་ཁི་སཱ་དང་དེའི་སྲིད་གཞུང་ལ་ཡིད་མི་ཆེས་པའི་གྱོད་དོན་གཉིས་ལ་གྲོས་མཐུན་བཀོད་པ་དང་། ཙུང་ལི་ཝེ་ཁི་ལེ་མཱ་ཞིན་ཧཱ་ཡི་འགན་དབང་ལེན་པའི་གནད་དོན་ལ་གྲོས་འཆམ་བྱུང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།