ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཁ་པར་བརྒྱུད་དེ་ཁི་ཁྲུ་མཚོ་འགག་གི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུའི་ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། ཁི་ཁྲུ་མཚོ་འགག་གི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་མའོ་ཁི་ཨར་ལ་ཁ་པར་བཏང་བ་དང་། ཁི་ཁྲུ་མཚོ་འགག་གི་གནས་བབ་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྲོ་བའི་སྣང་ཚུལ་མཐོང་འདོད་མེད་ལ། མིག་སྔར་གནད་དོན་ཐག་གཅོད་བྱེད་པར་རེ་བས་ཁེངས་ཡོད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་གནད་དོན་ལའང་གྲོས་བསྡུར་བྱས། 

དེ་ལས་གཞན་ཨ་མེ་རི་ཁ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་འབུད་རྩིས་ཡོད་པར་དམིགས་ནས། ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་འབྲེལ་ཡོད་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།