ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་ལྷོ་ཕྱོགས་ས་ཁུལ་དུ་ཚད་རིམ་བདུན་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་ཀྲིག་ལྷོ་ཕྱོགས་ཀྱི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཚད་རིམ་བདུན་གྱི་ས་འགུལ་བྱུང་སྟེ། མིག་སྔར་མི་སྣའི་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཐད་ཀྱི་སྙན་ཞུ་བསྒྲགས་མེད། 

བསྒྲགས་པ་ལྟར་ན། ས་འགུལ་དེ་ནི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཉེར་དགུའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཨ་ལཱ་སི་ཅཱ་ཀྲིག་གི་ཆེས་ཆེ་བའི་གྲོང་ཁྱེར་ཨན་ཁི་ལོས་ཆི་བྱང་ངོས་ཀྱི་སྤྱི་ལེ་བཅུ་གསུམ་མཚམས་སུ་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ལྔ་བཅུ་ཙམ་ཡོད་པ་རེད། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨན་ཁི་ལོས་ཆི་གྲོང་ཁྱེར་དུ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། ཁང་བ་སྐོར་ཞིག་ལ་ཡོམ་འགུལ་ཆེན་པོ་བྱུང་། སྡོད་དམངས་མི་ཉུང་བ་ཞིག་ཕྱི་རོལ་དུ་བྲོས་ནས་ཉེན་ཡོལ་བྱེད་བཞིན་ཡོད། 

ཨ་མེ་རི་ཁའི་རྒྱལ་ཁབ་གནམ་གཤིས་རྟོག་དཔྱོད་ཅུའུ་ཡི་རྒྱལ་ཁབ་རྒྱ་མཚོ་འཕྱུར་བའི་ཉེན་བརྡའི་ལྟེ་གནས་སུ་ཨ་ལཱ་སི་ཅཱ་ས་ཁུལ་གྱི་ཁུའུ་ཁི་མཚོ་ཁུགས་འགྲམ་ངོགས་དང་ཅི་ནེ་ཕྱེད་གླིང་ལྷོ་ཕྱོགས་ས་ཁུལ་ལ་དམིགས་ཏེ་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།