ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་བར་མཉམ་ལས་བྱས་ཏེ་མཚོ་འོག་གི་རང་བྱུང་སོལ་རླངས་སྦུག་ལམ་འཛུགས་སྐྲུན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་ནུས་ཁུངས་པུའུ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། དབྱི་སི་རལ་གྱིས་སེ་ཕུའུ་ལུའུ་སི་དང་ཞི་ལཱ། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་བར་མཉམ་ལས་བྱས་ཏེ། མཉམ་དུ་མཚོ་འོག་གི་རང་བྱུང་སོལ་རླངས་སྦུག་ལམ་འཛུགས་སྐྲུན་བྱས་ནས། དབྱི་སི་རལ་དང་སེ་ཕུའུ་ལུའུ་སི་ནས་ཐོན་སྐྱེད་བྱས་པའི་རང་བྱུང་སོལ་རླངས་དེ་ཞི་ལཱ་དང་དབྱི་ཐཱ་ལེ་རུ་འདྲེན་རྒྱུ་ཡིན་ཟེར། 

དབྱི་སི་རལ་ནུས་ཁུངས་པུའུ་ཡིས་བསྟན་དོན། སྦུག་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་ཆིག་བརྒྱ་ཡོད་པ་དང་། སེ་ཕུའུ་ལུའུ་སི་དང་ཞི་ལཱ་བརྒྱུད་དེ་མཇུག་མཐར་དབྱི་ཐཱ་ལེ་རུ་བསླེབས་ཡོད་པ་རེད། ལས་གཞི་དེ་ཉིས་སྟོང་ཉི་ཤུ་ལོ་ནས་བཟུང་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་ལྔ་ལོར་ཡོངས་འགྲུབ་བྱེད་རྒྱུ་ཡིན་ལ། སྤྱིའི་མ་དངུལ་བཏང་ཚད་མེ་སྒོར་ཐེར་འབུམ་བརྒྱད་ཙམ་ཡིན་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དང་སེ་ཕུའུ་ལུའུ་སི། ཞི་ལཱ། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་བཞི་ཡིས་ན་ནིང་ཟླ་བཅུ་གཉིས་པར་མཚོ་འོག་གི་རང་བྱུང་སོལ་རླངས་སྦུག་ལམ་འཛུགས་སྐྲུན་བྱེད་པའི་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། སང་ལོའི་ཟླ་གཉིས་པར་གྲོས་མཐུན་དངོས་སུ་འགོད་རྒྱུ་རེད། 
དབྱི་སི་རལ་ནུས་ཁུངས་པུའུ་ཡིས་བསྟན་དོན། རང་བྱུང་སོལ་རླངས་སྦུག་ལམ་འཛུགས་སྐྲུན་བྱེད་པ་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཉམ་ལས་འབྲེལ་བ་ཇེ་དྲག་ཏུ་བཏང་སྟེ། དབྱི་སི་རལ་དེ་ཡོ་རོབ་གླིང་ནུས་ཁུངས་ཚོང་རའི་ཟབ་ཞུགས་མཁན་གལ་ཆེན་དུ་འགྱུར་ཐུབ་ངེས་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།