ཀྲུང་གོ་བོད་ཀྱི་དྲ་བ།

ཝུ་ཀན་ཏཱ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཝུ་ཀན་ཏཱའི་དབུས་ཕྱོགས་ཀྱི་མུའུ་ཁི་ནོའུ་ས་ཁུལ་གྱི་ཝེ་ཏའོ་ལེ་ཡཱ་མཚོ་ཐོག་ནས་ཉིན་དེར་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུ་སྲོག་ཉེན་ལས་བསྐྱབས་ཡོད་ཟེར། 

བསྒྲགས་པ་ལྟར་ན། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། རྗེས་ནས་གནས་ཚུལ་གསལ་བོར་ཁྱབ་སྒྲོག་བྱེད་རྒྱུ་རེད། 

མིག་སྔར་གྲུ་གཟིངས་ནུབ་པའི་དོན་རྐྱེན་འབྱུང་སྐབས་གྲུའི་སྟེང་དུ་མི་ག་ཚོད་ཡོད་པ་གསལ་བོར་མི་ཤེས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།