ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དམག་དོན་ལག་རྩལ་མཉམ་ལས་ཅུའུ་ཡིས་ཚེས་ཉི་ཤུའི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་རྒྱ་གར་གྱིས་མཉམ་འབྲེལ་སྒོས11356རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་བཞི་བསྐྲུན་པའི་གྲོས་མཐུན་བཀོད་ཡོད་ཟེར།
དམག་དོན་ལག་རྩལ་མཉམ་ལས་ཅུའུ་ཡི་འགན་ཁུར་བས་བཤད་རྒྱུར། གྲོས་མཐུན་དེ་ནི་ཕྱོགས་གཉིས་ཀྱི་དམག་དོན་དང་ལག་རྩལ་ཁྱབ་ཁོངས་སུ་མཉམ་ལས་སྤེལ་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཟེར།
བསྒྲགས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོར་ཨུ་རུ་སི་དང་རྒྱ་གར་གྱི་མགོ་གཙོའི་གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས11356རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་བསྐྲུན་པའི་མཉམ་ལས་གྲོས་མཐུན་བཀོད། ཉེན་སྲུང་གྲུ་གཟིངས་བཞི་བོའི་ཁྲོད་ཀྱི་གྲུ་གཟིངས་གཉིས་ཨུ་རུ་སི་ཡིས་བཟོ་སྐྲུན་བྱེད་རྒྱུ་ཡིན་པ་དང་། གྲུ་གཟིངས་གཉིས་རྒྱ་གར་གྱིས་བཟོ་སྐྲུན་བྱེད་རྒྱུ་རེད། བཟོ་སྐྲུན་བྱས་རྗེས་ཉེན་སྲུང་གྲུ་གཟིངས་བཞི་བོ་རྒྱ་གར་མཚོ་དམག་གིས་བེད་སྤྱོད་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཨུ་རུ་སི་དང་རྒྱ་གར་གྱིས་མཉམ་འབྲེལ་སྒོས11356རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་བསྐྲུན་པའི་གྲོས་མཐུན་བཀོད།