ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པ་དེ་རྒྱུན་སྲོལ་དུ་གྱུར་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པ་དེ་རྒྱུན་སྲོལ་དུ་གྱུར་ཡོད་པ་དང་། ཨ་མེ་རི་ཁ་རྒྱལ་ནང་གི་ཆབ་སྲིད་རྩོད་གླེང་ནི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉེ་བའི་ཟླ་ངོ་གསུམ་གྱི་རིང་ལ། ཨ་མེ་རི་ཁས་འབྲེལ་ཡོད་ཀྱི་བཀག་སྡོམ་ཐེངས་བཅུ་གཅིག་ལ་རྒྱ་བསྐྱེད། ཨ་མེ་རི་ཁས་ཨུ་རུ་སི་ལ་གནོན་ཤུགས་བྱིན་ནས། ཨུ་རུ་སི་ཡིས་རྒྱལ་སྤྱིའི་ལས་དོན་ཐད་ནས་སྒེར་ཚུགས་ཀྱི་ལམ་ཐིག་བཅོས་བསྒྱུར་བྱེད་དུ་འཇུག་རྩིས་ཡོད་ཀྱང་། བྱ་སྤྱོད་དེ་ནུས་ལྡན་དུ་འགྱུར་མི་སྲིད་ཟེར། 
ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉི་ཤུའི་ཉིན་སི་རི་ཡཱའི་སྲིད་གཞིུང་ལ་རྡོ་སྣུམ་འདོན་སྤྲོད་བྱས་པ་རྒྱུ་མཚན་དུ་བྱས་ཏེ། དབྱི་ལིང་དང་ཨུ་རུ་སིའི་ཚོགས་ཁག་དང་མི་སྒེར་དགུ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།