རྒྱ་གར་གྱི་དམག་དོན་ར་བ་ཞིག་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་དུ་ཚེས་ཉི་ཤུའི་ཉིན་མདེལ་དང་འགད་རྫས་འཇོག་སའི་གནས་རྙིང་ཞིག་ཏུ་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར། 

ཐོག་མའི་སྙན་ཞུ་ལྟར་ན། འགས་གཏོར་དོན་རྐྱེན་དེ་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་བོ་ཨར་ཐཱའི་མངའ་ཁོངས་ཀྱི་དམག་ཆས་མཛོད་ཁང་ཞིག་གི་ཉེ་འདབས་ནས་བྱུང་བ་དང་། སྐབས་ཐོག་དེར་ལས་བྱེད་མི་སྣས་མདེལ་དང་འགད་རྫས་རྙིང་བ་དག་ཐག་གཅོད་བྱེད་བཞིན་ཡོད་པ་རེད། འགས་གཏོར་ལས་མི་གཉིས་རྐྱེན་ལམ་དུ་ཤོར། དམག་ཕྱོགས་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཤི་རྨས་ཐེབས་པའི་མི་གྲངས་དེའི་རྗེས་སུ་ཇེ་མང་དུ་སོང་། མིག་སྔར་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཙམ་ལ་རྨས་ཕོག་ཡོད་ཟེར། 

ཉིས་སྟོང་བཅུ་དྲུག་ལོར། དམག་དོན་ར་བ་དེར་རིགས་དེ་མཚུངས་ཀྱི་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་མང་བོར་ཤི་རྨས་ཐེབས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།