ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་ཡིས་དབྱི་ལིང་ལ་འཚམས་འདྲི་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་ཡིས་ཚེས་བཅུ་དགུའི་ཉིན་དབྱི་ལིང་དུ་འཚམས་འདྲི་བྱས་པ་དང་། ཁོ་ནི་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་རྗེས་དབྱི་ལིང་དུ་འཚམས་འདྲི་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཐོག་མར་གྱུར། 

དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཧིན་ཐི་ཡིས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་གྲོས་གཞི་དང་ཕྱོགས་གཉིས་ཀྱི་འབྲེལ་བ། ས་ཁུལ་གྱི་ལས་དོན་སོགས་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 

ཧིན་ཐི་འཚམས་འདྲིར་མ་སོང་གོང་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ནས་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེས་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ལྡན་པར་བྱེད་པའི་འཇིགས་ཉེན་སེལ་ཐུབ་པ་དང་། དབུས་ཤར་གཏན་འཇགས་ཀྱི་གནད་འགག་གི་གྲུབ་ཆ་ཞིག་ཡིན་ཟེར། 

ཧིན་ཐི་ཡིས་ད་རུང་དབྱི་ལིང་གིས་དབུས་ཤར་ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་བྱེད་པའི་བྱ་འགུལ་མཚམས་བཞག་སྟེ། དབྱི་ལིང་ཕྱོགས་དང་མཉམ་དུ་དབྱི་ལིང་གི་སི་རི་ཡཱའི་ནང་འཁྲུག་དང་ཡེ་མིན་ནང་འཁྲུག་ཁྲོད་ཀྱི་གོ་གནས་ལ་གྲོས་བསྡུར་བྱེད་རྒྱུའི་རེ་བ་བཏོན། 

དེ་ལས་གཞན། ཧིན་ཐི་ཡིས་དབྱི་ལིང་གིས་དབྱིན་ཇི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཐོབ་ཐང་ལྡན་པའི་བཀག་འཇུག་མི་སྣ་མང་བོ་ཕྱིར་གཏོང་དགོས་པའི་སྐུལ་མ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།