ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པའི་མི་གཏའ་བཅུ་དགུ་སྲོག་ཉེན་ལས་བསྐྱབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ད་ལོའི་ཟླ་བདུན་པར་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པའི་མི་གཏའ་བཅུ་དགུ་སྲོག་ཉེན་ལས་བསྐྱབས་ཟེར། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་པཱ་ཨར་མུས་ལཱ་གྲོང་ཁྱེར་བྱང་ཤར་ཕྱོགས་ཀྱི་ཧི་མེད་མེད་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་པ་དང་། དྲག་ཆས་ཉེས་ཅན་སྐོར་ཞིག་ལ་ཤི་རྨས་ཐེབས་ཡོད། བཙན་ཁྲིད་བྱས་པའི་མི་བཅུ་དགུ་བསྐྱབས་ཡོད་ཟེར། 

བརྙན་རིས་ལས་མངོན་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་བྱེ་ཁུལ་ཞིག་ཏུ་སྲོག་ཉེན་ལས་བསྐྱབས་པའི་མི་གཏའ་ལ་ཟས་རིགས་དང་འཐུང་ཆུ་སྟེར་བཞིན་ཡོད། 

ད་ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ས་ཁུལ་མང་བོ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། ཉུང་མཐར་ཡང་མི་ཉིས་བརྒྱ་དང་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་བཙན་ཁྲིད་བྱས། དེ་ལས་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད། ད་ལྟའི་བར་མི་གཏའ་འགའ་དམར་གསོད་བཏང་ཡོད། 
སི་རི་ཡཱའི་འབྲེལ་ཡོད་མི་སྣས་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིན་དེར་རྩ་འཛུགས་དེས་སུའུ་ཝེ་ཏཱ་ཞིང་ཆེན་ནས་བཙན་ཁྲིད་བྱས་པའི་མི་གཏའ་དྲུག་ཕྱིར་བཏང་བ་དང་། དེའི་ནང་བུད་མེད་གཉིས་དང་བྱིས་པ་བཞི་ཡོད་ཟེར། དེ་ནི་ཟླ་བདུན་པར་སུའུ་ཝེ་ཏཱ་ཞིང་ཆེན་ནས་བཙན་ཁྲིད་དོན་རྐྱེན་བྱུང་རྗེས་ཐོག་དང་པོར་མི་གཏའ་ཕྱིར་བཏང་བ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།