ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་ཡིས་དྲག་ཆས་ཕྱོགས་ཁག་སོ་སོས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལཱ་ཅེ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ནུས་ཤུགས་ཡོད་དགུས་ལི་པུ་ཡཱའི་དྲག་ཆས་ཕྱོགས་ཁག་སོ་སོས་འགྲིག་མཐུན་དང་བསྐྱར་འཛུགས་གནད་དོན་ལ་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ལི་པུ་ཡཱའི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སཱ་ལཱ་ཅེ་ཡིས་ལི་པུ་ཡཱའི་དྲག་ཆས་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པའི་བར་གྱི་གྲོས་མོལ་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཕྱོགས་ཁག་སོ་སོས་ངེས་པར་དུ་འགྲིག་མཐུན་དང་བསྐྱར་འཛུགས་གནད་དོན་ཐད་ནས་གྲོས་མཐུན་འགོད་དགོས་པར་བསམ་ཡོད་ཟེར། 

ཉེ་བའི་ཉིན་འགའི་རིང་ལ། ལི་པུ་ཡཱའི་དྲག་ཆས་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་གྲོས་མོལ་བྱས། མིག་སྔར་ད་རུང་གྲོས་མཐུན་བཀོད་པའི་གནས་ཚུལ་བསྒྲགས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།