ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལཱའི་མི་བཞི་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་ལྔ་ཉིན་ཝེ་ནེ་ཙུའེ་ལཱའི་མི་བཞི་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

བཀག་སྡོམ་ཐེབས་པའི་མི་དེ་བཞི་ནི་སོ་སོར་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡི་ལྕམ་མོ་ཞི་ལེ་ཡཱ་ཧྥོ་ལོ་ལོས་སི་དང་། ཙུང་ཐུང་གཞོན་པ་ཏི་ཨར་ཆི་ལོ་ཏི་ལི་ཀི་སི། གསར་འགྱུར་དང་འཕྲིན་གཏོང་པུའུ་ཀྲང་ཧའོ་ཨར་ཧི་ལོ་ཏི་ལི་ཀི་སི། རྒྱལ་སྲུང་པུའུ་ཀྲང་ཧྥོ་ལཱ་ཅི་མུས་ཨར་ཕཱ་ཏི་ལིས་ནོའུ་བཅས་རེད། 

དེ་ལས་གཞན། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ད་རུང་ཧྥོ་ལོ་ལི་ཏཱ་ཀྲིག་ནས་རིན་ཐང་མེ་སྒོར་བྱེ་བ་གཉིས་ཡིན་པའི་སྒེར་གྱི་གནམ་གྲུ་ཞིག་བཀག་ཉར་བྱས་པ་དང་། དེ་ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁཱ་ཝེ་ལུའུ་ཡི་ཚབ་བྱེད་མི་སྣ་ཞིག་ལ་དབང་བ་རེད། 

ཨ་མེ་རི་ཁའི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་མཁན་གྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་བྱེད་མི་རུང་བ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།