ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་བར་ཁྲིམས་མཐུན་ཉོ་ཚོང་རྒྱུན་འཁྱོངས་བྱེད་པའི་རྐྱེན་སྲོལ་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180926093924u2pA.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས24ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དངབདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁྲིམས་མིའི་དངོས་བཙུགས་ནས་ཨ་མེ་རི་ཁའི་བཀག་སྡོམ་ལ་ཡོལ་རྒྱུ་ཡིན་པ་དང་། མུ་མཐུད་དུ་དབྱི་ལིང་བར་ཁྲིམས་མཐུན་ཉོ་ཚོང་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། 

མའོ་ཀའེ་ལི་ནེ་ཡིས་ཉིན་དེར་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཨུ་རུ་སི། ཀྲུང་གོ། དབྱི་ལིང་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་གྲོལ་རྗེས་མའོ་ཀའེ་ལི་ནེ་ཡིས་ཕྱི་འབྲེལ་བློན་ཆེན་གྱི་མཉམ་འབྲེལ་གསལ་སྒྲོག་དབྱིན་ཡིག་པར་གཞི་ཅན་སྒྲོག་འདོན་བྱས་པ་དང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་པའོ་སིའི་ཡིག་རིགས་ཀྱི་གསལ་སྒྲོག་སྒྲོག་འདོན་བྱས།

མའོ་ཀའེ་ལི་ནེ་ཡིས་མཉམ་འབྲེལ་གསལ་སྒྲོག་སྒྲོག་འདོན་བྱས་རྗེས་བཤད་རྒྱུར། དེ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཁྲིམས་མིའི་དངོས་ཚོགས་ཤིག་བཙུགས་ནས་དབྱི་ལིང་བར་དངུལ་ལོར་འགྲོ་འོང་བྱེད་པར་སྟབས་བདེ་བཟོ་རྒྱུའི་མཚོན་རྟགས་ཡིན། ཁྲིམས་མིའི་དངོས་ཚོགས་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་ཀྱིས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་གཞིར་བཟུང་ནས་དབྱི་ལིང་བར་ཁྲིམས་མཐུན་ཉོ་ཚོང་བྱེད་པར་ཆོག་མཆན་འགོད་པ་དང་། ས་ཁུལ་གཞན་པའི་གྲོགས་པོར་ཡང་སྒོ་འབྱེད་བྱས་ཆོག་ཟེར། 

མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་ཞིང་། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཁས་ལེན་དམ་བཅའ་བརྩི་སྲུང་བྱེད་པའི་ཞོར་དུ། དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་དགོས་ལ། དེ་ལས་བྱུང་བའི་དཔལ་འབྱོར་ཁེ་ཕན་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དབྱི་ལིང་གིས་དོན་དངོས་སུ་འབྲེལ་ཡོད་དམ་བཅའ་བརྩི་སྲུང་བྱས་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།