ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་ཨུ་རུ་སིའི་མགོ་ཁྲིད་པས་ཡང་བསྐྱར་ཨུ་རུ་སིའི་དམག་དོན་གནམ་གྲུ་སི་རི་ཡཱ་ནས་སར་འཕངས་པའི་དོན་རྐྱེན་ཐད་ནས་འབྲེལ་འདྲིས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་བཞིའི་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཡང་བསྐྱར་ཨུ་རུ་སིའི་དམག་དོན་གནམ་གྲུ་སི་རི་ཡཱའི་མཁའ་སྲུང་མ་ལག་ལས་སར་འཕངས་པའི་དོན་རྐྱེན་ཐད་ནས་འབྲེལ་འདྲིས་བྱས། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་སྔ་ཉིན་སྤེལ་བའི་གསལ་སྒྲོག་གྱི་བདེན་དངོས་རང་བཞིན་ལ་ཡིད་ཆེས་ཡོད་པ་དང་། ཨུ་རུ་སིའི་དམག་དོན་གནམ་གྲུ་སར་འཕངས་པའི་འགན་འཁྲི་དེ་སི་རི་ཡའི་དམག་ཕྱོགས་དང་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་ལིང་གི་དམག་དཔུང་ལ་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་རང་ཉིད་ཀྱི་ས་ཁུལ་འདིའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱི་ས་ཁུལ་དེའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།