ཀྲུང་གོ་བོད་ཀྱི་དྲ་བ།

དམག་གཟིགས་མཛད་སྒོར་འཇིགས་སྐུལ་འཇབ་རྒོལ་ཐེབས་པས་དབྱི་ལིང་གིས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱིས་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསརར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་བྱུང་བའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། དབྱི་ལིང་སྲིད་གཞུང་གིས་ཧི་ལན་དང་ཏན་མག དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་དབྱི་ལིང་དུ་སྡོད་པའི་ཕྱི་འབྲེལ་གཞུང་ཚབ་པ་བོས་ནས། རྒྱལ་ཁབ་དེ་གསུམ་གྱིས་འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱས་པར་སྐྱོན་འཛུགས་བྱས། 

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ཆི་མུས་ཀྱིས་བསྟན་དོན། དབྱི་ལིང་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་རེ་འགས་ཡོ་རོབ་གླིང་དུ་འཇིགས་སྐུལ་འཇབ་རྒོལ་མ་བཟོས་པ་ཁོ་ནའི་དབང་གིས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོ་ཚོ་འཇིགས་སྐུལ་རྩ་འཛུགས་ནང་མི་འཇོག་པའི་བྱ་སྤྱོད་དེ་རིགས་དང་ལེན་བྱེད་ཐབས་མེད་ཟེར། 

དབྱི་ལིང་དཔོན་ཕྱོགས་ཀྱིས་ད་རུང་བསྟན་དོན། ས་ཁུལ་གྱི་ཨ་མེ་རི་ཁར་བློ་ཉེ་བའི་སྟོབས་ཤུགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་འགན་ཁུར་དགོས་ཟེར། 

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཀྱང་ཡོངས་བསྒྲགས་འཕྲིན་ཡིག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་ནི་ས་ཁུལ་རང་གི་ཨ་མེ་རི་ཁར་བློ་ཉེ་བའི་སྟོབས་ཤུགས་ཀྱིས་བཟོས་པའི་གཡོ་ཇུས་ཤིག་ཡིན་པ་དང་། དམིགས་ཡུལ་ནི་དབྱི་ལིང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་ཆེད་རེད་ཟེར། ཧཱ་མེ་ནེ་དབྱེ་ཡིས་དབྱི་ལིང་གསང་འཕྲིན་སྡེ་ཁག་གིས་འཇབ་རྒོལ་དོན་རྐྱེན་ཐད་ནས་གཟབ་ནན་ཞིབ་ཚགས་ཀྱི་རྟོག་ཞིབ་སྤེལ་དགོས་པ་དང་། ནག་ཉེས་བཟོ་མཁན་དང་དེའི་ལས་རོགས་པ་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།