ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གཞོན་པས་མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་དམག་དོན་ཐེ་གཏོགས་འཇིགས་སྐུལ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གཞོན་པ་ལོ་ཏི་ལི་ཀི་སི་ཡིས་ཚེས་བཅོ་ལྔ་ཉིན་དྲ་ཚིགས་བརྒྱུད་དེ་མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཨ་ཨར་མཱ་ཀི་ལོ་ཡིས་ཉེ་སྔོན་ཝེ་ནེ་ཙུའེ་ལཱ་ལ་དམག་དོན་ཐེ་གཏོགས་བྱེད་པའི་རེ་བ་བཏོན་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་ལས་ཁུངས་ལ་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར། 

ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། ཨ་ཨར་མཱ་ཀི་ལོ་ཡི་གཏམ་བཤད་ནི་ཝེ་ནེ་ཙུའེ་ལཱ་དང་ལཱ་ཏེན་མེ་གླིང་ཧྲིལ་བོ། ཅཱ་ལེ་པུས་ས་ཁུལ་བཅས་ཀྱི་ཞི་བདེའི་འཇིགས་ཉེན་ཆེན་པོ་ཞིག་རེད་ཟེར། 

ཨ་ཨར་མཱ་ཀི་ལོ་ཡིས་ཚེས་བཅུ་བཞིའི་ཉིན་ཁོ་ལོམ་པུ་ཡཱ་ནས་ཁོ་ལོམ་པུ་ཡཱ་རུ་སྡོད་པའི་ཝེ་ནེ་ཙུའེ་ལཱའི་གནས་སྤོར་སྡོད་དམངས་ལ་ཐུག་འཕྲད་བྱས་རྗེས་བསྟན་དོན། བྱེད་ཐབས་གང་རུང་སྤྱད་དེ་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་བར་འཐབ་རྩོད་བྱེད་རྒྱུ་ཡིན་པ་དང་། དམག་དོན་ཐེ་གཏོགས་བྱས་ནས་ཝེ་ནེ་ཙུའེ་ལཱའི་ད་ལྟའི་སྲིད་གཞུང་རྩ་རྫོགས་བྱེད་ཀྱང་ཁྲིགས་ཁྲིགས་མེད་ཟེར། 

ཨ་ཨར་མཱ་ཀི་ལོ་ཡི་གཏམ་བཤད་དེར་ལཱ་ཏེན་མེ་གླིང་ས་ཁུལ་གྱི་རྒྱལ་སྤྱིའི་རྩ་འཛུགས་རེ་འགའི་རྒོལ་གཏམ་ཐེབས། མེ་གླིང་པའོ་ལེ་ཝ་ཨར་མནའ་འབྲེལ་གྱིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཨར་མཱ་ཀི་ལོ་ཡི་གཏམ་བཤད་དེ་མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱི་སྒྲིག་ཡིག་དང་འགལ་ཡོད་པ་དང་ང། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་བཟོས་ཡོད་པར་རྒོལ་གཏམ་བཏང་། ལེ་མཱ་སྡེ་ཚོགས་ཀྱིས་ཀྱང་ཉིན་དེར་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དམག་དོན་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱ་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་རུང་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན་པ་དང་། ཞི་བདེ་དང་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱའི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།