ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་ཨོ་སི་ཁྲུ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱི་ཕྱོགས་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཁུའུ་ཨར་ཚི་ཡིས་ཚེས་བཅུ་དྲུག་ཉིན་པོ་ལིན་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་ཕྱི་ཕྱོགས་མཐའ་མཚམས་དོ་དོམ་ལ་ཤུགས་སྣོན་བྱེད་པའི་ཇུས་གཞིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཕྱོགས་གཉིས་ཀྱིས་གྲོས་མོལ་མ་བྱས་གོང་གི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་མའོ་ཁི་ཨར་གྱིས་བཤད་རྒྱུར། གནས་སྤོར་སྡོད་དམངས་ཀྱི་གནད་དོན་ནི་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་གྲོས་གཞི་གཙོ་བོ་ཞིག་ཡིན་པ་དང་། འཇར་མན་དང་ཨོ་སི་ཁྲུ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕྱི་ཕྱོགས་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་པ་དེ་ཐོག་མར་བསམ་བློ་གཏོང་བའི་གནད་དོན་དུ་བཞག་ཡོད་ཟེར། 
མའོ་ཁི་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་པའི་ཇུས་གཞིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁུའུ་ཨར་ཚི་ཡིས་ཀྱང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་བཏོན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་པའི་འབྲེལ་ཡོད་གྲོས་གཞིར་རྒྱབ་སྐྱོར་བྱེད་རྒྱུ་ཡི་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།