ཨ་ཧྥུའུ་ཧན་ལྷོ་ནུབ་ས་ཁུལ་ནས་གནམ་གྲུ་ཞིག་སར་ལྷུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ལྷོ་ནུབ་ཕྱོགས་ཀྱི་ཧྥ་ལཱ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་ཞིན་གསར་འགོད་པར་བདེན་དཔང་བྱས་དོན། ཞིང་ཆེན་དེའི་མངའ་ཁོངས་སུ་ཉེ་སྔོན་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཞིག་བྱུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར། 

ཧྥ་ལཱ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་མེད་ཧི་ལོས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་བྱུང་བ་དང་། ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་ནས་ཧྥ་ལཱ་ཞིང་ཆེན་མངའ་ཁོངས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་འཕུར་བའི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ལམ་བར་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་ཁ་ལོ་བ་གཉིས་དང་བཅས་པའི་ཨ་ཧྥུའུ་ཧན་གྱི་རྒྱལ་དམངས་དམག་མི་བཞི་རྐྱེན་ལམ་དུ་ཤོར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་བས་རེད་ཟེར། ས་དེའི་བདེ་འཇགས་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། 

གཞན་ཡང་སྨྱན་བྱད་གཞན་པས་བསྒྲགས་པ་ལྟར་ན། སར་ལྷུང་བའི་གྱེན་འཕུར་གནམ་གྲུ་དེ་ནི་ཐཱ་ལེ་པན་དྲག་ཆས་མི་སྣས་སར་འཕངས་བ་རེད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།