ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ་དྲག་ཆས་ཉེས་ཅན་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ་དྲག་ཆས་ཉེས་ཅན་གསུམ་བསད། 

ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཚེས་བཅོ་ལྔ་ཉིན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་གསུམ་བསད། 

ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་ཏཱ་ཅི་སི་ཐན་ཡན་ལག་ལས་ཁུངས་ཀྱིས་ཉིན་དེར་ཆོད་དོན་སྤེལ་ཏེ། ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁཱ་ལཱ་པུའུ་ཧི་ཁུན་དམིགས་བསལ་ས་ཁུལ་དང་པུའུ་དབྱེ་ནཱ་ཁི་སི་ཁི་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ་ཐག་བཅད། ཁྲིམས་འཛིན་མི་སྣས་ནགས་ཁུལ་དུ་དྲག་ཆས་ཉེས་ཅན་གསུམ་རྙེད་པ་དང་། མི་དེ་གསུམ་གྱིས་མགོ་མ་སྒུར་བར་མེ་མདས་བརྒྱབ་ནས་རྒོལ་ལན་སྤྲད་པས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་དམིགས་བསལ་དམག་དཔུང་གིས་བསད་པ་རེད།

དེ་ལས་གཞན་ཐཱ་སི་གསར་འགྱུར་ཁང་གིས་ཉིན་དེར་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་སྤྱི་ཚོགས་འབྲེལ་གཏུག་ལྟེ་གནས་ཀྱི་གནས་ཚུལ་དྲངས་པ་ལྟར་ན། ཨུ་རུ་སིའི་སྤྱི་དམངས་ཀི་ཧཱ་ཡེ་ཧྥུའུ་ཚེས་བཅུ་བཞིའི་ཉིན་ཕྱིར་ཨུ་རུ་སི་ལ་བསྐྱལ་བ་དང་། ཁོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་འདོན་སྤྲོད་བྱས་པའི་སྐྱོན་འཛུགས་ཐེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།