ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་གསུམ་ཉིན་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། 

ཆོད་དོན་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ལི་པུ་ཡཱའི་ཆབ་སྲིད་གྲོས་མཐུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགུལ་སྐྱོད་འཆར་གཞིའི་སྒྲོམ་གཞིའི་འོག ལི་པུ་ཡཱ་ལ་བཟོད་སྒོམ་རང་བཞིན་ལྡན་པའི་ཆབ་སྲིད་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ། བུད་མེད་ལ་ལོག་གཡེམ་དང་དྲག་ཤུགས་ཀྱི་གནོད་པ་མི་ཐེབས་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པ་བཙུགས་ཏེ། ལི་པུ་ཡཱའི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ལ་རོགས་རམ་བྱེད་རྒྱུ་ཐག་བཅད་པ་དང་། དེའི་རྗེས་སུ་ཐེངས་འགར་ཡུན་ཚད་ཇེ་རིང་དུ་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།