ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁས་ཡེ་ལུའུ་སཱ་ལེམ་ཤར་མའི་སྨན་ཁང་གི་མ་དངུལ་རོགས་སྐྱོར་མཚམས་བཞག་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ཡེ་ལུའུ་སཱ་ལེམ་ཤར་མའི་ཕཱ་ལེ་སི་ཐན་སྨན་ཁང་གི་མེ་སྒོར་བྱེ་བ་གཉིས་ལྷག་གི་མ་དངུལ་རོགས་སྐྱོར་མཚམས་འཇོག་རྒྱུ་ཐག་བཅད་པར་རྒོལ་གཏམ་བཏང་། 

ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཆོད་དོན་དེས་ཕཱ་ལེ་སི་ཐན་གྱི་ནད་པ་སྟོང་ཕྲག་མང་བོའི་ཚེ་སྲོག་བདེ་འཇགས་ལ་འཇིགས་ཉེན་ཐེབས་སྲིད་པ་དང་། ཕཱ་ལེ་སི་ཐན་མི་དམངས་ལ་ཐད་ཀར་དུ་གནོད་སྐྱེལ་བ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དབྱི་སི་རལ་ལ་དམིགས་ཡུལ་མེད་པར་འགེབས་སྲུང་བྱེད་པ་དེས་ཐི་ལིང་ཕུའུ་སྲིད་དབང་གི་ཀུན་སྤྱོད་ཉམས་ནས་མི་ཆོས་དང་མི་ལྡན་པར་འགྱུར་སྲིད་ཟེར། ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁའི་དྲང་བདེན་མིན་པའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པར་མ་ཟད། ཕཱ་ལེ་སི་ཐན་མི་དམངས་ལ་ཐད་ཀར་དུ་རོགས་སྐྱོར་བྱས་ཏེ། ཁོ་ཚོས་མུ་མཐུད་དུ་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་དྲང་བདེན་གྱི་ཞི་བདེ་མངོན་འགྱུར་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།