ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་གིས་ཁྲའོ་ཞན་ལ་དམིགས་པའི་གསང་བའི་སྦྱོང་བརྡར་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཚེས་ཉེར་དྲུག་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་གིས་ཉེ་སྔོན་འཇར་པན་དང་ཧྥེ་ལེ་པེན། ཧན་གོ་བཅས་ཀྱི་མཚོ་དམག་རྟེན་གཞི་ནས་ཁྲའོ་ཞན་ལ་དམིགས་པའི་གསང་བའི་སྦྱོང་བརྡར་སྤེལ་བར་རྒོལ་གཏམ་བཏང་། 

རྩོམ་ཡིག་ལས་བཤད་རྒྱུར། དེ་ནི་མིག་སྔའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་གཏོར་བརླག་གཏོང་བའི་ཉེན་ཁའི་དམག་དོན་བྱ་སྤྱོད་ཅིག་ཡིན་པ་དང་། ཨ་མེ་རི་ཁས་ཀུན་གྱི་མདུན་ས་ནས་ངོ་གདོང་འཛུམ་གྱིས་ཁེངས་ནས་གྲོས་མོལ་བྱེད་པ་དང་། ལྟག་རྒྱབ་ནས་དམིགས་བསལ་དམག་དཔུང་སྐུལ་སློང་བྱས་ཏེ་གསང་བའི་སྦྱོང་བརྡར་བྱས་པ་ནི་ཁ་བཤད་དོན་ལ་མི་གནས་པའི་རྣམ་འགྱུར་ཅིག་ཡིན་པས། ཁྲའོ་ཞན་གྱིས་དེར་གཟབ་ནན་གྱི་ལྟ་སྟངས་མི་འཛིན་ཐབས་མེད་རེད་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་བལྟས་ན་སྔོན་ཆད་རྒྱུན་པར་བཀོལ་བའི་རྙིང་རུལ་གྱི་ཐབས་དེས་ཁྲའོ་ཞན་ལ་འཇིགས་སྐུལ་ཐུབ་པ་དང་། རྣམ་དག་མིན་པའི་དམིགས་ཡུལ་དུ་བསླེབ་ཐུབ་པར་འདོད་པ་ནི་སྟོང་བསམ་ཁོ་ན་རེད། ཁྲའོ་ཞན་གྱིས་ཨ་མེ་རི་ཁ་ཕྱོགས་ཀྱི་འགུལ་སྐྱོད་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་མ་ཟད། དེར་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།