ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལི་སིན་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས་ཨོ་སི་ཁྲུ་ལི་ཡཱའི་སྐབས་སུམ་ཅུ་བའི་ཙུང་ལིའི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་དུ་བདམས་ཐོན་བྱུང་བའི་ཨོ་སི་ཁྲུ་ལི་ཡཱའི་སྲིད་འཛིན་ཏང་གཙོ་བོ་རང་དབང་ཏང་གི་ཏང་གཙོ་མའོ་ལི་སིན་གྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཁན་ཕའེ་ལཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དངོས་སུ་ཨོ་སི་ཁྲུ་ལི་ཡཱའི་སྐབས་སུམ་ཅུ་བའི་ཙུང་ལིར་གྱུར་བ་རེད། 

དུས་ཡུན་ཐུང་ངུའི་ལས་འགན་ཁུར་བའི་མཛད་སྒོ་དེ་ཙུང་ཏུའུ་བཞུགས་ཤག་ནས་སྤེལ་བ་དང་། མའོ་ལི་སིན་གྱིས་ཨོ་སི་ཁྲུ་ལི་ཡཱའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ཡི་མདུན་ནས་དམ་བཅའ་བཞག ཉིན་དེའི་ཕྱི་དྲོར་མའོ་ལི་སིན་གྱིས་ད་རུང་བདམས་ཐོན་བྱུང་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐོག་མ་བསྡུས། ཁོས་གཏམ་བཤད་སྤེལ་སྐབས་བསྟན་དོན། སྲིད་གཞུང་གསར་བའི་ཆེས་གལ་ཆེ་བའི་བྱ་བ་ནི་ཐན་འགོག་ཡིན་པར་བཤད་པ་དང་། ཨོ་སི་ཁྲུ་ལི་ཡཱའི་མི་དམངས་ལ་ཁོ་ཚོས་རེ་བ་བྱེད་པའི་གཏན་འཇགས་དང་མཐུན་སྒྲིལ། ཁ་ཕྱོགས། དམིགས་འབེན་བཅས་འདོན་རྒྱུ་ཡིན་ཟེར། 

རང་དབང་ཏང་གིས་ཚེས་ཉེར་བཞི་ཉིན་གྱི་ཉིན་གུང་གྲོས་ཁང་ཏང་ཚོགས་ཀྱི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་ཏེ། རྒྱལ་མཛོད་པུའུ་ཀྲང་མའོ་ལི་སིན་ཏང་གཙོར་བདམས། ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། འདེམ་སྒུག་པ་གསུམ་གྱི་ཡ་གྱལ། ཕྱི་འབྲེལ་བློན་ཆེན་ཀྲུའུ་ལེ་པུས་ཞའོ་ཕུའུ་ཆེས་ཐོག་མར་ཕམ་ཉེས་སུ་སོང་བ་དང་། དེའི་རྗེས་སུ་མའོ་ལི་སིན་གྱིས་སྔོན་ཆད་ཀྱི་ནང་སྲིད་པུའུ་ཀྲང་པིས་ཏི་ཏཱ་ཏོན་ཕམ་པར་བྱས་ནས་རང་དབང་ཏང་གི་ཏང་གཙོར་བདམས་ཐོན་བྱུང་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།